དོན་མེད་གྱོང་གུན།

དོན་མེད་གྱོང་གུན་ཟེར་མི་འདི། ཁྲལ་ཅིག་གིས་མི་ཚུ་ལཱ་འབད་ནི། བཟོ་སྐྲུན་འབད་ནི། ཡང་ན་ཚོང་འབྲེལ་འཐབ་ནི་ལས་ཕར་འགྱང་བཅུག་པའི་སྐབས་མེདཔ་གཏང་མི་དཔལ་འབྱོར་གྱི་རིན་ཐང་ཨིན། ཕོགས་དང་ཚོང་གུ་གི་ཁྲལ་གྱིས་དོན་མེད་གྱོང་གུན་བཟོཝ་ཨིན། ག་ཅི་སྦེ་ཟེར་བ་ཅིན། འདི་ཚུ་གིས་ཐོན་སྐྱེད་ཅན་གྱི་བྱ་བ་འདི་ཕན་ཐོགས་ཉུང་སུ་བཟོཝ་ཨིན།

ས་ཆའི་རིན་ཐང་ཁྲལའདི་ཐུན་མོང་མ་ཡིན་པ་ཅིག་ཨིན། ག་ཅི་སྦེ་ཟེར་བ་ཅིན་འདི་གིས་ཕལ་ཆེར་ག་ནི་ཡང་མི་བཟོ། ས་ཆའི་འཐོབ་ཚད་ངེས་ཏིག་ཨིན་ནི་འདི་གིས། དེའི་རིན་ཐང་གུ་ཁྲལ་བཀལ་བ་ཅིན་ཡོད་པའི་ས་ཆའི་གྱངས་ཁ་ཉུང་སུ་མི་བཟོ་ལ། དེའི་ལག་ལེན་ལུ་ཡང་བར་ཆད་མི་བཀལ། ཕྱོགས་ཁག་ག་ར་ལས་ཀྱི་དཔལ་འབྱོར་མཁས་པ་ཚུ་གིས་འདི་འཐོབ་ཚུགས་པའི་ཁྲལ་གྱི་གྲས་ལས་ལྕོགས་གྲུབ་ཆེ་ཤོས་ཀྱི་གཅིག་སྦེ་བརྩི་འཇོག་འབདཝ་ཨིན།1