ས་ཆའི་ཚོང་རྒྱག་ཟེར་མི་འདི། ས་ཆ་འབྲས་སྦོམ་ཅན་གྱི་ལག་ལེན་ནང་འབག་ནིའི་ཚབ་ལུ། དེའི་གོང་ཚད་ཡར་འགྱོ་ནིའི་རེ་བ་ཐོག་ལས་ཉོ་ནི་ཡང་ན་འཆང་ནི་ཨིན། ཁྲལ་ཉུང་སུ་བཀལ་བའི་ས་ཆ་འདི་འཆང་ནིའི་འགྲོ་སོང་ཉུང་སུ་ཨིན་ནི་འདི་གིས། སྟོང་པའི་ས་སྒོ་ཚུ་ཁེ་སང་ཅན་གྱི་མ་རྩ་འགྱོ་སྲིད།
ཚོང་རྒྱག་གིས་ཁྱིམ་གྱི་འགྲོ་སོང་འཕར་ཞིནམ་ལས་དར་ཉམས་ཀྱི་སྐོར་ལོ་ལུ་མེ་སྤར། དངུལ་འབྲེལ་གྱི་གྱང་ཁ་མང་ཤོས་ས་ཆའི་གོང་ཚད་ཀྱི་ཆུ་བུར་ལས་འགོ་བཙུགས་ནི་འདི་གིས། ས་ཆའི་རིན་ཐང་ཁྲལགྱིས་ས་ཆ་སྟོང་པར་བཞག་ནིའི་བྱ་དགའ་འདི་རྩ་མེད་གཏངམ་ཨིན། ག་ཅི་སྦེ་ཟེར་བ་ཅིན། ས་ཆ་ལག་ལེན་འཐབ་རུང་མ་འཐབ་རུང་ཁྲལ་འདི་འཇུག་སྤྱོད་འབདཝ་ཨིན།1